Conseil en une phrase
༄༅། །གདམས་ངག་ཚིག་གཅིག་མ་ནི། Conseil en une seule phrase ༄༅། །བླ་མ་ལ་ཕྱག་འཚལ་ལོ། འདིར་རྫོགས་པ་ཆེན་པོའི་སྐབས་ཀྱི་སེམས་ངོ་ཟེར་བ། སེམས་ཀྱི་གཤིས་རང་བབས་ཆོས་ཉིད་ཀྱི་ཐོག་ཏུ་མ་བཅོས་པར་བཞག་པ་སྟེ། མ་ཡེངས་སེམས་ཀྱི་རང་གིས་རང་ལ་བལྟ། ཞེས་ཁ་ནང་ལོག་གིས་ཤེས་པ་རང་གནས་ཐ་མལ་གྱི་ཤེས་པ་རྗེན་ལ་བུད་པ་ཞིག་འཆར་རྒྱུ་ཡོད་པ། Hommage au lama ! ཟ་ཉལ་འགྲོ་འདུག་གི་དུས་ཐམས་ཅད་ན་མི་བརྗེད་པར་དྲན་པས་རྒྱང་འཚོ་བྱེད་ནས་མི་རྒན་གྱིས་བྱིས་པའི་རྩེད་མོ་མཐོང་བ་བཞིན། གྲོལ་སའི་ཆོས་སྐུ་ངོས་བཟུང་ནས། རྩལ་གྱི་རྣམ་རྟོག་ཤར་གྲོལ་རྗེས་མེད་ལམ་དུ་འཁྱེར་དགོས་སོ།། Si à tous moments, en mangeant, en dormant, en t’asseyant, en marchant, tu es capable de maintenir cet état, sans l’oublier, et de le rappeler, alors, comme un ancien observant des jeux d’enfants, ayant reconnu le corps de réalité de l’état de libération, tu amèneras sur le chemin les pensées qui en sont l’expression dynamique afin qu’elles se libèrent aussitôt apparues, sans laisser de traces. ཞེས་གདམས་ངག་ཚིག་གཅིག་མ་མཁན་ཆེན་ངག་དབང་དཔལ་བཟང་གིས་གསུངས་སོ།། « Conseil en une seule phrase » donné par Khenchen Nawang Pelsang (1931-1999) |